༄༅།། བེ་རི་རྣམ་རྒྱལ་དོན་གྲུབ།

 

༈   བེ་རི་རྣམ་རྒྱལ་དོན་གྲུབ་ལགས་ནི།  བོད་ལྗོངས་ཆབ་མདོ་རྫོང་ཐོ་པ་ཤོག་ཁག་བེ་རི་གྲོང་ཚོར་དལ་རྟེན་གྱི་ནོར་མཆོག་ཐོབ་ཅིང་། ཆུང་དུས་ནས་ཕ་དང་ཨ་ཞང་གི་མདུན་ནས་འབྲི་ཀློག་དང་བརྡ་དག་སོགས་ལ་བརྩོན་པ་མ་ཟད། ལྷག་པར་དུ་ཕ་ཡི་མདུན་ནས་ཁམས་བྲིས་དཔེ་ཚུགས་ལ་སྦྱངས་བརྩོན་བྱས་པས་སོར་མོའི་མཉེན་ལྕུག་ཀྱང་ཅུང་འབུར་དུ་ཐོན་པ་བྱུང་། རང་ལོ་བཅུ་གཉིས་ཙམ་ནས་ཆེད་དུ་དགེ་རྒན་མང་པོའི་ཞབས་ལ་གཏུགས་ཏེ་བོད་དབུས་ཀྱི་གཞུང་བྲིས་དང་སུམ་རྟགས་སྙན་ངག་སོགས་ལ་སྦྱངས་པས་སོར་མོའི་བདེ་རྩལ་དང་རྣམ་རིག་སོགས་ལ་བསྔགས་བརྗོད་ཡང་ཡང་ཐོབ་ཅིང་། གཙོ་ཆེར་དགེན་བུ་དེས་དང་སྟོང་ཚ་འཇམ་ཆུང་སོགས་ཀྱི་མདུན་ནས་བོད་ཀྱི་གསོ་བ་རིག་པར་སློབ་གཉེར་དང་། རང་ཉིད་ཀྱི་ཕ་ཡི་མདུན་ནས་རྩ་ཆུ་གཏར་བསྲེག་སྨན་སྦྱོར་སོགས་ལག་ལེན་དངོས་ལ་ཟབ་སྦྱོང་ཐོབ། ༢༠༠༥ལོར་ཆབ་མདོ་ས་ཁུལ་ལས་རིགས་ལག་རྩལ་སློབ་གྲྭའི་ནང་ཞུགས་ཏེ་རྒན་བསྟན་པ་དབང་གྲགས་ཀྱི་མདུན་དུ་བོད་ཀྱི་གསོ་བ་རིག་པར་ཐོས་བསམ་བྱས། དེའི་རིང་བོད་ཀྱི་ཡིག་གཟུགས་དང་རྩོམ་འབྲི་འགྲན་བསྡུར་སོགས་ཀྱི་སྐབས་སྔ་ཕྱིར་བྱ་དགའ་ཐེངས་མང་ཐོབ་པ་མ་ཟད། བཟང་གསུམ་སློབ་མའི་མཚན་སྙན་ཡང་ཐོབ། ༢༠༠༩ལོ་ནས་བོད་ལྗོངས་གསོ་རིག་སློབ་ཆེན་དུ་བོད་ཀྱི་གསོ་རིག་གཙོ་བོར་གྱུར་པའི་རིག་གནས་ཁག་ལ་སློབ་སྦྱོང་དང་། སློབ་གྲྭའི་སྣ་མང་བྱེད་སྒོའི་ཁྲོད་ཡིག་གཟུགས་མི་འདྲ་བ་མང་པོར་ཨང་དང་པོའི་བྱ་དགའ་ཐེངས་མང་བླངས། 

༢༠༡༠ལོར་བོད་རང་སྐྱོང་ལྗོངས་ཐེངས་གཉིས་པའི་སློབ་ཆེན་སློབ་རའི་ཡིག་གཟུགས་འགྲན་བསྡུར་ནང་ཚུགས་རིང་དང་འབྲུ་ཚ་གཉིས་ལ་ཨང་གཉིས་པ་དང་གསུམ་པའི་གཟེངས་བསྟོད་ཐོབ། ལོ་དེར་སླར་ཡང་བོད་སྨན་གསོ་རིག་སློབ་རའི་ཡིག་གཟུགས་འགྲན་བསྡུར་ནང་ཡིག་གཟུགས་སྣ་ཁ་གསུམ་ལ་ཨང་དང་པོ་དང་གཉིས་པའི་བྱ་དགའ་ཐོབ་ཅིང་། ༢༠༡༣ལོར་སློབ་ཆེན་ཐོན་ཏེ་ལས་གནས་སུ་ཟླ་ཤས་རིང་ཕྱིན་རུང་སློབ་སྦྱོང་གི་གོ་སྐབས་ཤོར་ན་ཅི་ལའང་སྙིང་པོ་མེད་པར་བསམ་ཏེ་སློབ་གཉེར་དུ་བསྐྱོད་རྒྱུའི་ཕུགས་བསམ་ཡིད་ལ་བཅངས། དེ་ནས་ལས་གནས་ཕྱིར་འཐེན་བྱས་པ་མ་ཟད། ཡིག་གཟུགས་ཀྱི་སྒྱུ་རྩལ་ལ་སེམས་གཏིང་ནས་དགའ་མོས་ཆེ་བར་བརྟེན་དེ་སྔོན་བོད་ཡིག་ཡིག་གཟུགས་སྣ་ཁག་དགུ་ཙམ་ལ་བྱང་གོམས་སྐྱོན་མེང་བྱུང་ཡང་། ད་དུང་མུ་མཐུད་དུ་ཡིག་གཟུགས་མི་འདྲ་བ་ཁག་ལ་དོ་སྣང་དང་ཞིབ་དཔྱོད་བྱེད་བཞིན་ཡོད་ལ། གཞན་ཡང་སྒྲ་ཚད་བཟོ་གསོ་སོགས་བོད་ཀྱི་ཐུན་མོང་དང་ཐུན་མོང་མིན་པའི་རིག་གནས་ཁག་ལ་རྒྱུས་ལོན་དང་བརྩོན་པ་གནང་མུས་སུ་མཆིས།།

朗加顿珠:他的出生于西藏昌都县妥坝乡白日村。自幼儿时期就从父亲和舅舅那儿学习书法和语法,特别是从父亲那学习书法得到较好的成果。自12岁起特别向许多老师学习藏语言文学的写作,语法,诗歌等过程中,他的成绩得到过各位老师的高度赞扬,尤其从布地老师和加琼老师学习藏医。
2005年就读于昌都地区职业技术学校,在这期间参加学校的书法和写作比赛均得到过各种奖项,并评选为三好学生。2009年就读于西藏藏医学院,学习以医学为主的各种知识,而在校园多样文艺活动中在书法方面也得到过多次第一名的优秀成绩。
2010年西藏自治区第二次大学生书法比赛中两种书法荣获第二和第三,并在藏医学院校园书法比赛中三种字体有一次得到第一和第二名。2013年从大学毕业并参加工作几个月中,深感失去了学习的机会且下定决心向求学的目标前进,并辞掉工作,继续他的学习生涯。因本人热爱学习藏文书法,虽然当前会写九种不同的藏文字体,但仍继续研究和学习其它的字体,当然也会在藏语言文学的其它方面也会刻苦钻研!