࿑ ནང་བྲིས་ནོར་བུ་མ།

 

 

 

    

  ནང་བྲིས་ནོརྦུ་མ།  

 

   ཀརྨ་སྒར་གསར་དང་འབྲུ་ཚ་གཉིས་གཙོ་བོར་བྱས་པའི་ལེགས་ཆ་ལས་གྲུབ་པ་ཞིག་ཡིན།  འབྲུག་པ་མི་ཕམ་རྣམ་རྒྱལ་གྱིས། ༡༩༩༢ ལོ་ནས་ ༢༠༠༢ བར་ལོ་ངོ་བཅུའི་རིང་ཞིབ་འཇུག་དང་ལེགས་བཅོས་གནང་བའི་གྲུབ་འབྲས་སུ་གསར་གཏོད་བགྱིས།  མདོ་ཁམས་ནང་ཆེན་ཉེར་ལྔ་གཙོས་པའི་སློབ་མ་སྟོང་ཕྲག་དུ་མར་སློབ་ཁྲིད་གནང་ཞིང་།     ད་ཆ་མདོ་དབུས་ཁམས་གསུམ་དུ་དར་ཁྱབ་ཕྱིན་ཏེ་རྒྱུད་འཛིན་པའི་གནས་ཚད་ལོན་པ་འགའ་ཤས་ཡོད།  ནང་བྲིས་ཀྱི་ཁྱད་ཆོས་གཙོ་བོ།  མགོ་ལ་ལི་དང་།  ལུས་ལ་ཁམ།  རྐང་ལ་རྫོགས་བཅས་ཁམས་བྲིས་ཀྱི་ཁྱད་ཆོས་ལི་ཁམ་རྫོགས་གསུམ་ཀྱི་ཆ་ཡོངས་སུ་ཚང་ཞིང་།  སྤྱིའི་ཆ་ནས་ཡིག་འབྲུ་ཟླུམ་ལ་ནོརྦུའི་དབྱིབས་དང་།  ཐོག་མར་ནང་ཆེན་ལུང་པ་ནས་དར་ཁྱབ་བྱུང་བས་ན་ནང་བྲིས་ནོརྦུ་མ་ཞེས་འབོད་པའོ།།