ནོར་གླིང་དཔེ་མཇོ༹ད་ཁང་གི་ངོ་སྤྲོད་མདོར་བསྡུས།

                     

                             

          ༈  མཐའ་ཡས་ཤེས་བྱའི་རྒྱ་མཚོ་བསྲུབས་པའི་ནོར།  །

                           མཐའ་དག་མ་ཚང་མེད་པ་རིན་ཆེན་གླིང་།  །                            

           ས་སྟེང་འདི་ན་རི་ཐང་གཞལ་བའི་དཔེ།   །  

            ཟླ་བྲལ་ཕྱོགས་གཅིག་སྤུངས་པ་དབྱིག་གི་མཇོ༹ད།   །

 

 

 

architecture7 

 

 ༄།   དེ་ཡང་དཔེ་མཇོ༹ད་ཁང་གི་གནས་ཡུལ་ནི། གངས་ལྗོངས་སའི་ལྟེ་བ། རྨ་འབྲི་ཟླ་གསུམ་གྱི་འབྱུང་ཡུལ། མི་རྗེ་ནང་ཆེན་རྒྱལ་པོའི་མངའ་འབངས། ཡུལ་ཤུལ་བོད་རིག་རང་སྐྱོང་ཁུལ།  སྐྱེ་རྒུ་གྲོང་ཁྱེར་གྱི་ཕྱོགས་བསྡུས་སློབ་གྲྭའི་ཉེ་འགྲམ་དུ་བརྗིད་ཆགས་དང་མཇེ༹ས་སྡུག་རྣམ་པར་བཀྲ་བས་སྐྱེ་འགྲོའི་མིག་གི་དགའ་སྟོན་དུ་བཤམས་ཡོད། 

     དཔེ་མཇོ༹ད་ཁང་འདི། ཕྱི་ལོ་ ༢༠༠༡  ལོར་ཐོག་མར་འཆར་འགོད་གནང་ཞིང་། རབ་བྱུང་བཅུ་བདུན་ཤིང་བྱ་ལོའི་ཟླ་ ༥ པའི་ཚེས་༡༤  ལ་  ༢༠༠༥་  ༦་  ༢༡  ཨར་ལས་འགོ་བརྩམས་པའི་བརྒྱུད་རིམ་ནང་། ཁུལ་ས་གནས་སྲིད་གཞུང་གིས་ཆོག་མཆན་དང་། ཁུལ་ཕྱོགས་བསྡུས་སློབ་གྲྭ། ཁུལ་རིག་སློབ་སྡེ་ཁག་བཅས་ནས་དགའ་བསུ་དང་རྒྱབ་སྐྱོར་གནང་བ་མ་ཟད། བསོད་ནམས་སྟོབས་ཀྱིས་འབྱོར་ཞིང་། ཕྱག་ཟུང་གི་གཏོང་ཕོད་ཡངས་པའི་དད་ལྡན་ཕོ་མོ་མང་པོས་མཐུན་སྦྱོར་གནང་བ་དང་།  ད་དུང་མཆོག་སྤྲུལ་གང་ཉིད་ཀྱི་ཡིག་གཟུགས་སོགས་སྒྱུ་རྩལ་གྱི་ཡོང་སྒོ་ལ་བརྟེན། རབ་བྱུང་བཅུ་བདུན་པའི་མེ་མོ་ཕག་གི་ལོར་ལེགས་པར་གྲུབ་སྟེ། ལོ་དེའི་བོད་ཟླ་ ༦ པའི་ཚེས་ ༥ སྟེ།  ༢༠༠༧ ཕྱི་ཟླ་ ༧ ཚེས་ ༡༩  ཉིན་སྒོ་འབྱེད་ཀྱི་མཇ༹ད་སྒོ་དངོས་སུ་སྤེལ།
   སྐབས་དེར་སྐུ་མགྲོན་གཙོ་བོ།  མཁས་གྲུབ་ཡོངས་ཀྱི་གཙུག་རྒྱན་སྙིག་དུས་བསྟན་འགྲོའི་དཔལ་མགོན་གྲུབ་རིག་ཁྱུ་མཆོག་རིན་པོ་ཆེ་མཆོག་དང་། ཀྲུང་དབྱང་ས་མི་རིགས་སློབ་གྲའི་དགེ་རྒན་ཆེན་མོ་མཁས་དབང་ཐུབ་བསྟན་ཕུན་ཚོགས། དབུས་ལྷ་ལྡན་ནས་ཕེབས་པ་མཁས་དབང་ཆོས་འཕེལ་ལགས་སོགས་ཆོལ་ཁ་གསུམ་ནས་ཕེབས་པའི་མཁས་དབང་མཁན་སྤྲུལ་རྣམས་པ། འཇ༹མ་གླིང་གང་ས་ནས་ཕེབས་པའི་སྐྱེ་བོ་ཕོ་མོ་སྣ་ཚོགས། ཡུལ་ཤུལ་ཁུལ་ས་གནས་སྲིད་གཞུང་གི་མི་སྣ་སོགས་ལྷན་འཇོ༹མས་བཀྲ་ཤིས་ཀྱི་ཉིན་མོ་དེར། ཐམས་ཅད་ཀྱིས་ཤིས་ཚིག་གི་མེ་ཏོག་འཐོར་བཞིན། རིག་གཞུང་གི་རྩི་བཅུད་ལེན་པ་ལ་རྣམ་དཔྱོད་དང་སྙིང་སྟོབས་ཀྱི་གཤོག་ཟུང་རྒྱས་པའི་གཞོན་སྐྱེས་སྦྲང་བུའི་ཁྱུ་ཚོགས་ཅི་དགར་རོལ་བའི་སྐྱེད་ཚལ་གྱི་སྒོ་མོ་གསར་དུ་ཕྱེས་ཏེ་བདེ་ལེགས་ཕུན་སུམ་ཚོགས་པས་མཐའ་རྒྱས་པར་མཇ༹ད་པ་རེད།
   དཔེ་མཇོ༹ད་སྤྱི་ཡི་རྒྱ་ཁྱོན་ལ་སྤྱི་ཁྲི་གྲུ་བཞི་མ་ ༢༩༠༠  དང་།  ཐོག་བརྩེགས་བཞིའི་རྒྱ་ཁྱོན་སྤྱི་ཁྲི་གྲུ་བཞི་མ་ ༡༡༤༥ ཡོད་ལ། ཁང་པའི་བཟོ་བཀོད། བོད་ལུགས་དང་། རྒྱ་ལུགས། ནུབ་ཕྱོགས་པ་བཅས་ལུགས་གསུམ་གྱི་ཁྱད་ཆོས་ཡོད་བ་མ་ཟད། སྲོལ་རྒྱུན་དང་དེངས་རབས་ཟུང་འབྲེལ་གྱི་བརྩེགས་བཟོའི་སྒྱུ་རྩལ་ལྡན་ཡོད།

          

                            དཔེ་མཇོ༹ད་ཀྱི་ནང་དུ་ཚན་ཁག་བཅུ་ཡོད་ལ

 

   ཚན་ཁག་དང་པོ་བཀའ་བསྟན་ཁང་དུ་འཇ༹མ་གླིང་ཐོག་གྲགས་ཆེ་བའི་ཡི་གེ་བོད་ཡིག་གི་པར་གཞི་སྣ་ཚོགས་ཅན་དང་། སོག་ཡིགརྒྱ་ཡིག་བཅས་ལས་གྲུབ་པའི་རྒྱལ་བའི་བཀའ་འགྱུར་དང་། བོད་ཡིག་གི་བསྟན་འགྱུར་རིན་པོ་ཆེ་བཅས་ཞུགས།
   ཚན་ཁག་གཉིས་པ་རིས་མེད་ཆོས་མཇོ༹ད་ཁང་དུ། ནང་པ་སངས་རྒྱས་པ་སྤྱི་དང་ཁྱད་པར་བོད་བརྒྱུད་ནང་བསྟན། སྔ་འགྱུར་རྙིང་མ་བ། མཉམ་མེད་བཀའ་གདམས་པ། འགྲོ་མགོན་བཀའ་བརྒྱུད་པ། དཔལ་ལྡན་ས་སྐྱ་པ། རི་བོ་དགེ་ལྡན་པ། རྒྱལ་བ་ཇོ་ནང་པ། གཡུང་དྲུང་བོན་བཅས་གྲུབ་མཐའ་ཁག་དང་། གཞན་ཡང་ཧིནྡྷུ། ཡེ་ཤུའུ། ཁ་ཆེ། ཏོའོ་ཅོའོ། ཡེས་ཀའན་ཏོ་སོགས་འཇ༹མ་གླིང་ཆོས་ལུགས་ཆེ་ཁག་གི་ཆོས་དཔེ་བཞུགས།
   ཚན་ཁག་གསུམ་པ་རིག་གནས་དཔེ་མཇོ༹ད་ཁང་དུ། ༡ བོད་ཡིག ༢ རྒྱ་ཡིག ༣ དབྱིན་ཡིག ༤ སོག་ཡིག ༥ ཧོར་ཡིག ༦ མཉྫུ། ༧ ཁ་ཆེ། ༨ པཱ་ལིའི། ༩ སཾསྐྲིརྟི། ༡༠ ཧིནྡྷུ། ༡༡ འཇར་མན། ༡༢ ཉི་ཧོང་། ༡༣ ཏིརྐི་ཤཱི། ༡༤ མ་ལེ་ཤི་ཡ། ༡༥ ཀཽ་རི་ཡཱ། ༡༦ བལ་པོ་བཅས་ད་བར་ཡིག་རིགས་འདྲ་མིན་བཅོ་ལྔ་ཙམ་བཞུགས་པ་དེ་དག་གི་བརྗོད་བྱ་གཙོ་བོ།ནང་དོན་རིག་པ། བཟོ། གསོ་བ། སྒྲ། ཚད་མ། སྙན་ངགམངོན་བརྗོད། སྡེབ་སྦྱོར། ཟློས་གར། སྐར་རྩིས། རྒྱལ་རབ་ལོ་རྒྱུས། ཆོས་འབྱུང་། རྣམ་ཐར། གནས་ཡིགལྷ་སྒྲུང་། གཏམ་དཔེ། ཚན་རིགཆབ་སྲིད། དམག་དོན། མ་ལེ་སྤྱི་ཚོགས་ཀྱི་ལྟ་བའི་སྐོར། ཚོང་ལས། སློབ་གསོ། སྐད་ཡིགདེང་རབས་འཕྲུལ་ཆས་ཀྱི་ཤེས་བྱ། སྤྱི་ཚོགས་འཚོ་བའི་ཤེས་བྱ། དུད་འགྲོའི་འཚོ་གནས་དང་གསོ་ཐབས། དུས་དེབ། གསར་ཤོགཡིག་གཟུགས་དང་རི་མོའི་སྒྱུ་རྩལ་སྣ་ཚོགས། བརྙན་དཔར། ས་བཀྲམིང་མཇོ༹ད། རུས་མཇོ༹ད། ཚིག་མཇོ༹ད་སོགས་ད་བར་པུཀཏི་ཀ་དང་དཔེ་དེབ་བསྡོམས་ཁྲི་ལྔ་ལྷག་བཞུགས་ཡོད། མ་འོངས་སཾསྐྲིརྟི་དང་། པཱ་ལིའི། ཉི་ཧོང་། ཀོ་རིཡཱ། མཉྫུའི་ཡི་གེ་སོགས་ཀྱི་ཐོག་ཏུ་བཞུགས་པའི་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་གཙོས་གོ་ལ་ཧྲིལ་པོའི་ཐོག་གི་གཙུག་ལག་དཔེ་ཚོགས་ཐམས་ཅད་གཅིག་ཏུ་འདུས་པའི་ནོར་བུའི་མཇོ༹ད་ཁང་ཞིག་ཏུ་འགྱུར་བའི་དགོངས་འཆར་དང་སྨོན་འདུན་ཡོད་པ་རེད།
   ཚན་ཁག་བཞི་པ་རིག་དངོས་བཀྲམ་སྟོན་ཁང་དུ། བོད་ཀྱི་གནའ་དེང་གི་སྒྱུ་རྩལ་ལོ་ངོ་སྟོང་ཕྲག་དུ་མ་ནས་བརྒྱུད་པའི་ཡིག་གཟུགས་འདྲ་མིན་བརྒྱ་སྐོར་གྱིས་གཙོས་རིག་དངོས་ཁག་བཞུགས།
   ཚན་ཁག་ལྔ་པ་ཟློས་གར་སྒྱུ་རྩལ་ཁང་དུ། བརྙན་འཁོར་དང་སྒྲ་ཐག་རིགས་མཐའ་དག་ཉར་ཚག་དང་དེང་རབས་ཀྱི་སྒྲ་བརྙན་བཟོ་ཆས་ཡོད།
   ཚན་ཁག་དྲུག་པ་ཨན་ཊིར་དྲ་ཁང་དུ། ཀློག་གླད་དམ་རིག་མཇོ༹ད་འཕྲུལ་ཆས་ཀྱིས་ཁང་ཡོད་པ་དེ་ལས། འཇ༹མ་གླིང་གི་ཤེས་བྱ་ཕར་ཆེར་དྲ་རྒྱའི་བརྒྱུད་ཤེས་རྟོགས་ཐུབ།
   ཚན་ཁག་བདུན་པ་ཀུན་འདུས་ཚོགས་ཁང་ཆེན་མོར། དེང་དུས་ཀྱི་མཇེ༹ས་རྩལ་སྣ་ཚོགས་ཀྱིས་སྤྲས་ཤིང་། མི་གྲངས་བརྒྱ་ཕྲག་ལས་བརྒལ་བ་ལྷན་འཇོ༹མས་ཀྱིས་བགྲོ་གླེང་དང་འཆད་ཁྲིད་བགྱི་ཆོག

   ཚན་ཁག་བརྒྱད་པ་ནོར་གླིང་གསོལ་ཇ་ཁང་དུ་བོད་དབུས་ཀྱི་དཀྲུག་ཇ་དང་། ཁམས་པའི་འོ་ཇ། རྒྱ་གར་གྱི་མངར་ཇ། དབྱིན་ཇིའི་ཀོ་ཧྥེའི། རྒྱ་ནག་གི་མེ་ཏོག་རྩེ་ཇ་དང་ཕུའུ་ཨར་སོགས་གསོལ་ཇ་སྣ་མང་དང་། སྟབས་བདེའི་ཞིམ་མངར་གྱི་ཞལ་ཏོག་སྣེ་འཇོ༹མས་ཡོད་ལ། བག་ཕེབས་ཀྱི་འཁོར་ཡུག་དང་ཇ་ནི་རིག་གནས་ཅན་དང་འབྲེལ་བ་ཆེ་ཞིང་། ཆང་རག་དང་རྣམ་གཡེང་གི་ཀུན་སྤྱོད་ནི་བསམ་ཤེས་མེད་པའི་རྟག་མཚན་ཡིན་ཕྱིར། ཇ་ཁང་འདི་ཡིས་དཔེ་གཟིགས་པ་རྣམས་ལ་སྤྲོ་སྐྱིད་ཀྱི་ཆ་རྐྱེན་ཁྱད་པར་ཅན་ཞིག་བསྐྲུན་ཡོད།

   ཚན་ཁག་དགུ་པ་འཇི༹ན་སྐྱོང་བའི་བཞུགས་ཤག་དང་།

   ཚན་ཁག་བཅུ་པ་མཇོ༹ད་ཁང་བཅས་སྡེ་ཚན་བཅུའོ།
   ད་དུང་ཁོང་གིས་མ་འོངས་པར། ༡ སྒྲ་བསྒྱུར་ཁང་དང་། ༢ སྐད་ཡིག་ཟབ་སྦྱོང་ཁང་། ༣ རིག་མཇོ༹ད་འཕྲུལ་ཆས་ཟབ་སྦྱོང་ཁང་། ༤ སྒྱུ་རྩལ་དར་སྤེལ་ཁང་། ༥ ཉེར་མཁོའི་དཔེ་སྐྲུན་ཁང་། ༦ དཔེ་རིགས་མཁོ་འདོན་ཕྱིར་ཚོང་ཁང་བཅས་སྡེ་ཁག་དྲུག་ཙམ་འཕེལ་རྒྱས་གཏོང་རྒྱུའི་དགོངས་འཆར་འགོད་བཞིན་ཡོད་པ་རེད།།