མི་རྣམ་རི་མོ།

                                                                             

 

  བོད་ཀྱི་གཉེན་སྟོན་མཚོན་རྟགས།

 

༄།  །བཀྲ་ཤིས་རིན་ཆེན་གསུམ་གྱི་བྱིན་མཐུ་ཡིས།  །

བདེ་ལེགས་སྡེ་བཞིའི་དཔལ་ལ་ལོངས་སྤྱོད་ཅིང་།  །

ཕུན་སུམས་ཚོགས་པའི་དགའ་བ་གཡས་སུ་འཁྱིལ།  །

རྟེན་འབྱུང་སྣང་བ་གསར་པའི་ཤིས་པ་སྩོལ།  །

 

 

 

 
༄།   འདབ་མ་བཞི།  ཆོས།   ནོར།  འདོད།  ཐར་ཏེ་ཕུན་ཚོགས་སྡེ་བཞི་མཚོན་པ་དང་།  དབུས་སུ་ནོར་བུ་གསུམ།  བོད་མི་རིགས་ཀྱིས་རྣམ་ཀུན་གཙུག་ཏུ་བཀུར་བའི་མཆོག་གསུམ་མཚོན།  ནོར་བུ་དགའ་འཁྱིལ་གྱི་ཚུལ་དུ་བཀོད་པ་ནི།  ཚེ་འདིའི་བདེ་སྐྱིད་མཚོན་པ་དང་།  ད་དུང་རང་ཉིད་མཆོག་གསུམ་དང་ལས་འབྲས་ལས་ཡ་མ་བྲལ་ན་འཕྲལ་ཡུན་གཏན་གྱི་བདེ་བ་འཐོབ་པར་མཚོན།
 
 
༄།  ལོ་རྒྱུས་ལྡན་པའི་མི་རིགས་ལ།  །ཁྱད་ཆོས་ལྡན་པའི་རྒྱུ་རྩལ་དགོས།
 
སྤྱིར་བོད་ལྟ་བུར་མཚོན་ན།  སྐད་དང་།  ཡི་གེ  སྒྱུ་རྩལ་སོགས་རིག་གཞུང་ཕུན་སུམ་ཚོགས་པའི་མི་རིགས་ཞིག་ལ་སྤོབས་པ་བྱེད་ཆོག    འོན་ཀྱང་ད་དུང་གོང་འཕེལ་གཏོང་མི་དགོས་སྙམས་པའི་ང་རྒྱལ་དོར་དགོས།  དེར་བརྟེན་བོད་རང་གི་གཉེན་སྟོན་མཚོན་རྟགས་ཞིག་དགོས་ངེས་ལ་བརྟེན།   འདི་ལྟར་གསར་གཏོད་བགྱིས་པར་དགེ་མཚན་མཐོང་ན་ལོངས་སུ་སྤྱོད་ཅིག །།

 


               

 

།ནོར་གླིང་དཔེ་མཛོད་ཁང་གི་ལས་རྟགས། 

 

༄།   །མཐའ་ཡས་ཤེས་བྱའི་རྒྱ་མཚོ་བསྲུབ་པའི་ནོར།  །

མཐའ་དག་མ་ཚང་མེད་པ་རིན་ཆེན་གླིང་།  །

ས་སྟེང་འདི་ན་རིན་ཐང་གཞལ་བའི་དཔེ།  །

       ཟླ་བྲལ་ཕྱོགས་གཅིག་སྤུངས་པ་དབྱིག་གི་མཛོད།  །

 


 

  འབྲུག་པ་བཀའ་བརྒྱུད་ཀྱི་ལས་རྟགས།

 

༄།  །འབྲུག་མཁའ་ལ་འཕྱོ་འདི་བློ་རྩལ་གཞན་པས་བཀྲ།  །

པ་ལུས་ལ་ཏྲ་ཞིང་སྟོང་ཉིད་རང་སྒྲའི་ཤིས།  །

བཀའ་གདམས་པའི་བདུད་རྩི་ཀུན་ལ་ཟིམ་པས་བདེ།  །

བརྒྱུད་གྲུབ་ཐོབ་འབྲས་སྨིན་འགྲོ་བ་ཡོངས་ལ་ལེགས།  །