༄། གངས་ལྗོངས་སྙན་པའི་ཆོས་སྒྲས་ས་གསུམ་གཏམས།


༈         རོལ་དབྱངས་ནི་འཚོ་བའི་ཆ་ཤས་གལ་ཆེན་ཞིག་སྟེ། འདོད་ཡོན་ལྔ་ལས་སྒྲའི་ཡོན་ཏན་སྨྲ་མི་དགོས་སོ།  འདི་ན་མཁོ་འདོན་ཞུས་པའི་སྙན་དབྱངས་འདི་དག་མང་ཙམ་ཉོན་ན།  ཁྱོད་ཀྱི་ལུས་སེམས་ལ་ཕན་བདེ་ལས།  གནོད་པ་ཧ་ལམ་མེད།  དེ་མིན་དེང་དུས་སྙིག་ལྔ་ཁ་དར་ཞིང་རྣམ་རྟོག་འཕྲོ་རྒོད་པ་དང་། ལྷག་ཏུ་ཚན་རིག་གོང་འཕེལ་དང་།  འཕྲུལ་ཆས་དར་རྒྱས་སུ་ཕྱིན་པའི་དབང་གིས།  གྲོང་ཁྱེར་ཆེ་ཁག་ནང་།  ཕྱོགས་གཅིག་ནས་འཚོ་བའི་ཆ་རྐྱེན་ཇེ་ལེགས་དང་སྟབས་ཇེ་བདེ་རུ་ཕྱིན་པ་ནི།  འཛམ་གླིང་གི་ལོ་རྒྱུས་ཐོག་ཕྱི་དངོས་པོའི་དཔལ་ཡོན་གྱི་ཆ་ནས། ད་ཆ་རྫོགས་ལྡན་གྱི་དུས་རབས་ཞིག་ལ་ངོས་འཛིན་ཆོག་སྙམ།  འོན་ཀྱང་ཕྱོགས་གཞན་ཞིག་ནས་བསམ་ན།  མི་རྣམས་འཕྲུལ་ཆས་དང་དུས་ཚོད་ཀྱི་བྲན་གཡོག་ཏུ་ཚུད་སྟེ། ལོང་མེད་ཀྱི་ངལ་དུབ་ཆེ་བའི་ཐོག  འདོད་རྔམས་དང་འགྲན་རྩོད་ཀྱིས་རྒྱུད་བརླམས་ཏེ།  ཕྱི་དངོས་པོའི་དཔལ་ཡོན་ཁོ་ནའི་རྗེས་སུ་འབྲང་བཞིན་ཡོད།  འོན་ཀྱང་དེ་ཡིས་འདོད་པ་མི་ཁེངས་པ་མ་ཟད།  ད་དུང་ནང་སེམས་ཀྱི་བདེ་སྐྱིད་ཇེ་ཕྲ་རུ་སོང་བར་ཕན་རེ་བྱས་ཏེ། མི་མང་པོ་ཞིག་གིས་ཆང་རག་དང་། ཐ་མག་སོགས་ཚད་མེད་དུ་སྤྱོད་པ་དང་།  དུས་རབས་གསར་པའི་གླུ་གཞས་དང་།  སྨྱོ་འཁྲབ་ཁག་ལ་ལོངས་སུ་སྤྱོད་མཁན་མང་།  དེ་དག་གིས་གནས་སྐབས་ཚོར་བ་གསར་པ་ཞིག་འཐོབ་སྲིད་ཀྱང་། མཐའ་འབྲས་ལུས་སེམས་གཉིས་ཀ་ཇེ་འཁྲུགས་ཇེ་འཁྲུགས་སུ་སོང་ནས།  སྙིང་ནད་དང་སྨྱོ་ནད་ཀྱིས་ཟིན་ཏེ། མཐར་རང་སྲོག་གཅོད་མཁན་ཇེ་མང་ཇེ་མང་དུ་འགྲོ་བཞིན་ཡོད། དཔེར་ན་ཉེ་བའི་ལོ་ཤས་ནང་ལྷོ་ཀོ་རི་ཡའི་དུས་རབས་གསར་པའི་འཁྲུགས་གཞས་༼ཛྷ་ན་སུ་ཊར༽སོགས་སྨྱོ་འཁྲབ་དར་སྲོལ་ཆེ་བའི་ཉེར་ལེན་གྱིས་རང་སྲོག་གཅོད་མཁན་གྱི་གཞས་པ་གཞས་མ་དང་གཞོན་སྐྱེས་ཧ་ཅང་མང་རུ་ཕྱིན་ཏེ།  ལྷོ་ཀོ་རི་ཡའི་གྲོང་ཁྱེར་སོལ་གྱི་ནང་། ༢༠༡༢ ལོ་ནས་བཟུང་ཉིན་རེེར་ཆ་སྙོམས་མི་བཞི་ལས་མི་ཉུང་བས་རང་མེད་བྱེད་ཀྱི་ཡོད་འདུག་ལ།  དེ་དག་ཕལ་ཆེ་བ་གཞོན་སྐྱེས་ཤ་དག་ཡིན་སྐད།  དེ་བཞིན་རྒྱ་ནག་གི་གྲོང་ཁྱེར་ཆེ་ཁག་ནང་།  གཞོན་སྐྱེས་སེམས་ནད་ཅན་དང་།  རང་སྲོག་གཅོད་མཁན་ཧ་ཅང་མང་རུ་ཕྱིན་ཡོད།  སྤྱི་ཁྱོན་ནས་ཀྱང་སེམས་ཁམས་མི་བདེ་བའི་སྐྱེ་བོ་ཕོ་མོ་ཇེ་མང་དུ་སོང་དང་འགྲོ་བཞིན་པ་དེ་དག་གི་ཁྲོད། རང་དང་འབྲེལ་ཡོད་ཀྱི་མི་རིགས་གཞན་པ་ཁག་ཅིག་གི་ཉམས་མྱོང་ལ་ཉོན་ན། བོད་ཀྱི་སྨན་སྤོས་དངས་མ་དང་། བོད་ཀྱི་སྲོལ་རྒྱུན་རོལ་དབྱངས་། ལྷག་ཏུ་བོད་བརྒྱུད་ནང་བསྟན་གྱི་གདངས་དབྱངས་དང་།  གྱེར་འདོན།  སྙན་རོལ་སོགས་ཉིན་རེའི་འཚོ་བའི་ཁྲོད་ལོངས་སུ་སྤྱོད་ན། དངོས་གནས་སེམས་ཁམས་གསོ་བའི་བདུད་རྩི་ཞིག་རེད་འདུག་ཟེར་མཁན་མང་། དེར་བརྟེན་བོད་ཀྱི་སྲོལ་རྒྱུན་གྱི་སྒྱུ་རྩལ་མང་དག་ཞིག་གིས། འགྲོ་བ་མིའི་འཚོ་བའི་དཔལ་ཡོན་ཕུན་སུམ་ཇེ་ཚོགས་སུ་གཏོང་ཐུབ་པ་དང་།  སེམས་ཀྱི་ཞི་བདེ།  སེམས་ཁམས་ཀྱི་བདེ་སྐྱིད་ལ་དངོས་སུ་འབྲེལ་བ་ཟབ་པས། མུ་མཐུད་མི་ཉམས་རྒྱུན་སྐྱོང་གི་ཐོག  དེང་རབས་ཀྱིས་ཟུར་བརྒྱན་ན་དགེ་མཚན་ལྷག་ཏུ་ཆེ་སྙམ་མོ།།  

       སྙན་དབྱངས་འདི་དག་དང་འབྲེལ་ཡོད་སྒྱུ་རྩལ་བ་རྣམས་ཀྱི་མཛད་རྗེས་ལ་བསྔགས་བརྗོད་དང་། ཆབ་གཅིག་བཀའ་དྲིན་རྗེས་དྲན་ཞུ།།

མི་ཕམ་རྣམ་རྒྱལ་ནས་མཚམས་སྦྱོར་ཞུས།།

 

雪域佛乐妙音富三界

 

音乐是生活中不可缺少的一部分,在佛学五乐中音之美功德匪浅。在这推荐的歌曲音乐,能使人心旷神怡、感心动耳、荡气回肠、大饱耳福。虽现代社会物质富裕发达,应有尽有可谓盛世时代,但人们忙于追求物质需求,竞争激烈中求存,成为机械工具与时间的奴隶,心烦意乱,造成困惑、迷罔的心态,对精神思想无意中增加压力负担,他们只能过量饮酒、吸烟,聆听具有疯狂性的音乐,杂曲。晢且解除疲劳,得到舒缓,如此时间长久后对身心造成极大的损伤。发生心脏病、疯癫病几率极高乃至走向绝望之路。比如,近些年流行的韩国歌曲《江南style》听去后很多年青人和歌手舞者疯狂,不能自束情感心情自尽者无数。据相关资料报道称:韩国首都首尔于2012年开始,年青人等自杀人数每日均4名,我国内地时尔发生类似事件。
  反之,多国不同民族的友人交流中获悉,聆听藏族传统音乐,民族歌曲获益匪浅,尤其是佛教音乐、道歌朗诵、法器奏乐声,对身心健康得到舒缓与净化。生命中注入了无穷的力量,好似养生甘露,心灵悸动。
故此,藏族传统艺术的无限魅力能使人们生活幸福美满、人生圆满吉祥。精神思想富裕正见,发现美好,感悟生命。愿美妙音乐、天籁之音给人类发展带来正能量,造福众生!
————密南仁波切