༄། །ཉིས་སྟོང་བཅུ་གཉིས་ལོ།

   
   

༄།  དེང་སང་རི་བོང་ཅལ་འདྲོགས་ཀྱི་དཔེ་ལྟར།     ༢༠༠༩ ལོར་ཨ་རིས་ཀྱིས་འཁྲབ་སྟོན་བགྱིས་པ།  ༢༠༡༢ ཞེས་པའི་གློག་རྙན་དེས་རྐྱེན་པས་མི་རྣམས་ཀྱིས་དངོས་སུ་དེ་ལྟར་ས་གོ་ལ་འཐོར་ཞིག་ཏུ་འགྲོ་སྣང་ཤར་ཏེ་འཇིགས་ཞུམ་ཞུམ་གྱི་ངང་དུ་གནས་ཡོད་པ་རེད།    གོང་གི་༢༠༡༢ ཞེས་པའི་གློག་བརྙན་དེ་ཡི་དམིགས་ཡུལ་དང་དགོས་པ་གཙོ་བོ།  ༢༠༠༩ ནས་ ༢༠༡༢ བར་ལོ་གསུམ་གྱི་རིང་ཨ་རིས་ཀྱིས་འགོ་འཁྲིད་ཏེ་ས་གོ་ལ་སྲུང་སྐྱོབས་བྱ་རྒྱུའི་དམིགས་ཡུལ་དང་།  གལ་ཏེ་མུ་མཐུད་འཁོར་ཡུག་ལ་གཏོར་སྐྱོན་ཤོར་ཚེ་མ་འོངས་དཔེ་མཚོན་འདི་ལྟར་ཡོང་སྲིད་ཞེས་པའི་ཉན་བརྡ་བཏང་བ་ཞིག་རེད།

   རྩ་བའི་ཆ་ནས་རང་བྱུང་གི་གནོད་སྐྱོན་ཚབ་ཇེ་ཆེ་རུ་འགྲོ་རྒྱུ་གདོན་མི་ཟ།  གང་ལགས་ཞེ་ན་ད་ཆ་ཉིན་རེ་ནས་ཉིན་རེ་འཁོར་ཡུག་ལ་གནོད་འཚེ་གཏོང་བའི་ནུས་ཤུགས་ཇེ་ཆེ་རུ་འགྲོ་བཞིན་པས་སོ།།