༄། འབར་མ་རྒྱལ་ཁབ་ཀྱི་ངོ་སྤྲོད་མདོར་བསྡུས།

 

 

                         འབར་མ་རྒྱལ་ཁབ་ཀྱི་ངོ་སྤྲོད་མདོར་བསྡུས།

 

    འབར་མ་རྒྱལ་ཁབ་ནི་བོད་ཀྱི་ལྷོ་ངོས་སུ་གནས་ཤིང་། ཆུ་བོ་རྒྱལ་མོ་རྔུལ་ཆུའི་མཇུག་ཏུ་ཆག་ཡོད། ཁོ་ཚོའི་ལུང་པ་ནས། རྒྱལ་མོ་རྔུལ་ཆུ་ལ་སར་བུན་གཙང་པོ་ཟེར། ས་ཁྱོན་ལེ་བར་གྲུ་བཞི་མ། ༦༧༦༥༧༨ ཡོད། རྒྱལ་སའི་མིང་ལ་ཡང་གོན་གྲོང་ཁྱེར་ཟེར།
༢༠༡༠ ལོའི་མི་གྲངས་བསྡོམས་རྩིས་ལྟར་ན། ༦༠༢༨༠༠༠༠ ཡོད་། བརྒྱ་ཆ། ༨༩ ཙམ་ནང་པ་ཡིན། མི་རིགས་མ་འདྲ་བ་དགུ་ཡོད་པ་དང་། དེའི་ནང་བརྒྱ་ཆ་༦༠ཙམ་འབར་རིགས་ཡིན་པ་མ་ཟད། འབར་རིགས་ཀྱི་མི་རྒྱུད་འབྱུང་ཁུངས་གཙོ་བོ་བོད་རིགས་ཡིན་ཞེས་ཐེ་ཚོམས་མེད་པར་བཤད། བོད་རིགས་མི་འབོར་མང་ཤོས་དེ་སོག་བོད་དམག་འཁྲུགས་སྐབས་སུ་བཙན་བྱོལ་དུ་སླེབ་པ་ཡིན་སྐད།

 

   ལོ་རྒྱུས་ཐོག་ཐེག་པ་ཆེ་ཆུང་གཉིས་ཀ་དར་མྱོང་ནའང་། དེང་སྐབས་ཉན་ཐོས་ཐེག་པ་མ་གཏོགས་མེད། ཉན་རང་ཐེག་པ་དར་སའི་ལུང་པར་ཤིནཏུ་མཇལ་རྒྱུ་དཀོན་པའི་བཀའ་གདམས་མཆོད་རྟེན་ཚད་ལྡན་མང་པོ་བཞུགས་ཡོད། དེ་དག་ནི་ལོ་ངོ་བརྒྱད་བརྒྱ་དགུ་བརྒྱའི་ལོ་རྒྱུས་ཡོད་སྐད།
      ད་ཆ་ནང་པའི་ཆོས་བརྒྱུད་འཛིན་པའི་དགེ་སློང་གྲངས། ༥༦༠༠༠༠ དང་། དགེ་སློང་མ་གྲངས། ༤༥༣༥༣ བཞུགས་ཡོད

 


   ཕྱི་ལོ་ ༡༠༤༤-༢༢༩༧ གཡས་གཡོན་དུ། རྒྱལ་པོ་ཐོག་མ་ཨ་ནུ་རཀྠོ་དང་། རྒྱལ་རབས་གཉིས་པ། ༡༡༡༡-༡༡༦༧ ཨ་ལཾ་ཤིས་ཏོའི། དུས་སུ་རྒྱལ་ས་ཐོག་མ། བྷ་གྷའན་ཡིན་པ་དང་། ས་གནས་དེ་རུ་འབར་མའི་སྲིད་འབྱོར་རིག་གསུམ་དབུ་ཚུགས་ས་དང་། ལྷག་ཏུ་ནང་བསྟན་དར་ཁྱབ་ཆེན་པོ་བྱུང་སྟེ། དགོན་པ་སུམ་སྟོང་ཙམ་བཞེངས་མྱོང་བའི་ལོ་རྒྱུས་ལྡན་པའི་གྲས། ད་ཆ་དགོན་རྙིང་གཅིག་བརྒྱ་ལྷག་ཙམ་རྒྱུན་སྐྱོང་བྱས་ཡོད་པ་དང་། ལྷ་ཁང་དང་མཆོད་རྟེན་རྙིང་པ་མང་པོ་མཇལ་རྒྱུ་འདུག

 

ཡིག་འབྲུ་ ༣༣ ལས་གྲུབ་པ་འབར་མའི་ཡི་གེའི་འབྱུང་ཁུང་སཾཀྲིཏ་ཡིན་པར་བཤད་ལ། སྒྲ་གདངས་ཕལ་ཆེར་གཅིག་པ་རེད། ཐོག་མའི་ཡིག་གཟུགས་གྲུ་བཞི་ཡིན་རབ་དང་། དེང་སྐབས་ཡིག་གཟུགས་པ་ལིའི་དང་འདྲ། འོན་ཀྱང་སྒྲ་གཟུགས་གཉིས་ཀ་འདྲ་བ་དང་། གཟུགས་གཅིག་པུ་འདྲ་བའི་བོད་ཡིག་རྒུར་རྩའང་འགའ་རེ་འདུག། དཔེར་ན། སྒྲ་གཟུགས་གཉིས་ཀ་འདྲ་བ། པ་ཕ་ཡ་ལ་དང་། གཟུགས་གཅིག་པུ་འདྲ་བ།
བ་ཞ་གཉིས་བཅས་སོ། ཨང་གྲང་གཅིག་ནས་བཅུ་བར་ཕལ་ཆེ་བ་གཅིག་པ་རེད། ད་དུང་ཞིབ་མོར་དཔྱད་ན་བོད་སྐད་ཀྱི་ཐ་སྙད་དང་གོམས་སྲོལ་རྙིང་པ་མང་དག་ཞིག་ཡོད་སྲིད་སྙམ་མོ།

 

     ཕྱི་ལོ།  ༡༨༢༤ ནས་ ༡༩༤༨ ཟླ་ ༡ ཚེས་ ༨ བར་དབྱིན་འཇིའི་རྒྱལ་ཁབ་ཀྱིས་དབང་བསྒྱུར་བྱས་པ་མ་ཚད། རྒྱ་གར་གྱི་ཁོངས་སུ་བསྡུས་ཏེ་མངའ་སྡེ་གཅིག་གི་ཐོབ་ཐང་སྤྲད་ཡོད་འདུག། དེ་རྗེས་རྒྱ་གར་དང་གཅིག་མཚུངས་རང་བཙན་ཐོབ་པ་ནས་བཟུང་ད་བར་དམག་སྲིད་ཀྱིས་སྲིད་དབང་བཟུང་སྟེ་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་ཞུགས་ནས། ལོ་ངོ་ ༦༦ སོང་ཡོད། ད་ཆ་ལྕམ་ཨང་སང་སུའུ་ཅིའི་ཡིས་སྣེ་ཁྲིད་སྟེ་དམངས་གཙོའི་ལམ་དུ་འབད་བརྩོན་བྱེད་བཞིན་པའོ།།